གདུང་སེམས་མཉམ་བསྐྱེད་མཚོན་ཆེད་འདི་ལོའི་བོད་ཀྱི་ལོ་གསར་གྱི་དགའ་སྟོན་ཕྱིར་འཐེན་གྱི་ཡོང་ཁྱབ་གསལ་བསྒྲགས། །
༄༄ མཚུངས་མེད་ཨི་ཊ་ལི་གནས་བཞུགས་རྒྱ་ཆེའི་སེར་སྐྱ་མི་མང་ཡོངས་གྱི་སྙེན་ལམ་དུ། ཆེད་ཞུ།
དགོངས་མངའ་བཞིན་ཕྱི་ལོ་ ༢༠༢༥ ཟླ ༠༡ ཚེས ༠༧ ཉིན་གྱི་ཞོགས་པའི་ཚོུད ༠༩ དང་སྐར་མ ༠༥ ཐོག་བོད་ཀྱི་ས་ཁུལ་དིང་རི་དང་གཏིང་སྐྱེས། ལྷ་རྩེ། ས་སྐྱ། ངམ་རིང་སོགས་སུ་ས་ཡོམ་གྱི་གནོད་སྐྱོན་ཚབས་ཆེན་ཐེབས་ཏེ། རང་རིགས་སྤུན་ཟླ་མང་པོ་ཞིག་འདས་གྲོངས་སུ་གྱུར་བར་མ་ཟད། མི་རྒྱུ་གཉིས་ཀར་གནོད་སྐྱོན་ཚབས་ཆེན་ཕོག་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད། འདི་ག་ཨི་ཊ་ལི་བོད་རིགས་ཚོགས་པ་དང་བོད་ཀྱི་བུད་མེད་ལྷན་ཚོགས་ཐུན་མོང་ནས་མ་གྲོས་བསམ་པ་གཅིག་མཐུན་ཐོག་ལོ་འདིའི་བོད་ཀྱི་ལོ་གསར་གྱི་དགའ་སྟོན་དེ་བཞིན་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་བྱུང་བ་ལགས་ན་ཨི་ཊ་ལི་ནང་གནས་བཞུགས་རྩམ་གཟན་བོད་མི་ཡོང་ཀྱི་ཐུགས་ལ་དེ་དོན་འཇགས་པར་འཚལ། །
ཨི་ཊ་ལི་བོད་རིགས་ཚོགས་པ་དང་བོད་ཀྱི་བུད་མེད་ལྷན་ཚོགས་ཐུན་མོང་ནས།
ཕྱི་ལོ ༢༠༢༥ ཟླ ༡ ཚེས ༣༡ ལ ཕུལ། །
Annuncio pubblico di rinvio delle celebrazioni del Capodanno Tibetano
Nei cuori di tutto il popolo Tibetano che vive in Italia.
Il 7 gennaio 2025 alle 09:05, Dingri e Tingkye, Lhatse, Sakya, Ngamring del Tibet dove il terremoto ha causato gravi danni all’area e molti dei nostri fratelli e sorelle hanno perso la vita.
Per esprimere le nostre condoglianze alle vittime della tragica perdita di vite umane e proprietà. L’Associazione Comunità Tibetana in Italia e l’Associazione delle Donne Tibetane in Italia hanno concordato e deciso congiuntamente di annullare le celebrazioni del Capodanno Tibetano.
Prego a tutti i Tibetani che vivono in Italia di pregare per loro.
Associazione Comunità Tibetana in italia - Associazione delle donne Tibetane in Italia |